在42任薩迦法王的同意及43任薩迦法王的祝福下,為使吉祥薩迦教法在馬來西亞更廣為弘揚,原「蓮師淨土佛學會」即日起更名為「薩迦大悲佛學會」,並捐贈與印度薩迦高級佛學院,由佛學院全權管理。
以下為印度薩迦高級佛學院公告 *公告內文提及之堪嘎仁波切(Khega Rinpoche)為佛學會住持 多傑洛本仁波切之名諱 原文出處:Official Facebook of Sakya College ————————————
2024年10月24日,薩迦佛學院發佈公告,宣佈接管位於馬來西亞(K L)一處佛法中心。 該中心原由金剛上師堪嘎仁波切於2019年創立,旨在弘揚薩迦教法。今年,創始人決定將中心捐贈給薩迦佛學院,由佛學院全權管理。 佛學院方面對此善舉表示感謝,並徵得第42任薩迦法王的同意後,欣然接受了此一重任。為順利完成交接,多方人士進行了密切協作: 今年8月底,堪嘎仁波切從台灣專程前來,與佛學院院長會面並移交中心事務。9月下旬,佛學院派遣土燈堪布和桑傑堪布作為代表,與中心施主及成員多次會晤,商討更名、搬遷等具體事宜。 值得一提的是,第43任薩迦法王親自為中心命名並題寫簽名,賜予珍貴加持,此舉為交接儀式增添了殊勝意義。 薩迦佛學院對參與此事的所有人員表示衷心感謝,特別是兩位堪仁波切和中心的主要工作人員。佛學院方面表示,將竭盡全力將此一中心發展成為弘揚佛法的重要基地,不負施主們的期望。 最後,佛學院呼籲所有在馬來西亞的相關人士,包括佛學院的施主、信徒等,關注並支持此一新設立的佛法中心。相信在各方共同努力下,中心定將為當地佛教事業的發展作出重要貢獻。
རྡོ་རྗེ་སློབ་དཔོན་མཁས་དགའ་རིན་པོ་ཆེ་ནས་ས་སྐྱ་པའི་བསྟན་པ་སྤྱི་བྱེར་ཞབས་ཏོག་སྒྲུབ་པའི་སྟི་གནས་ཤིག་འཛུགས་པར་དགོངས་ནས། ༢༠༡༩ ལོར་མ་ལེ་ཤའི་རྒྱལ་ས་ལ་ཆོས་ཚོགས་ཤིག་བཙུག་གནང་ནས། འདི་ལོར་ཆོས་ཚོགས་དེ་ས་སྐྱ་མཐོ་སློབ་ལ་ཕུལ་ནས་མཐོ་སློབ་རང་ནས་གཟིགས་སྐྱོང་གནང་རོགས་ཞེས་ཞུས་པ་བཞིན། མཐོ་སློབ་ནས་ཀྱང་ཁོང་དང་ཁོང་གི་སློབ་མ་སྦྱིན་བདག་རྣམ་པའི་ལྷག་བསམ་དང་རེ་བ་ཟློག་མ་ཕོད་པར། ས་སྐྱ་༧གོང་མ་ཁྲི་འཛིན་༤༢ མཆོག་ལ་དེ་དོན་སྙན་གསན་ཞུས་པས་བདག་སྐྱོང་བྱེད་ཐུབ་ན་ལེགས་ཚུལ་བཀའ་ཕེབས་པ་བཞིན། འདི་ནས་བདག་སྐྱོང་ཞུ་རྒྱུའི་ཁས་བླངས་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༨ འཇུག་ཙམ་ལ་བླ་མ་མཁས་དགའ་རིན་པོ་ཆེ་ཐེ་ཝན་ནས་ཆེད་ཕེབས་དང་། འདི་ནས་སློབ་སྤྱི་མཁན་པོ་རིན་པོ་ཆེ་ཕྱག་སྦྲེལ་ཆེད་གཉེར་གྱིས་བཅར་བ་བཞིན། ཁོང་གིས་སྦྱིན་བདག་ངོ་སྤྲོད་དང་ཆོས་ཚོགས་ཀྱི་ཕྱི་ནང་ཚང་མ་རྩིས་འབུལ་ཞུས་པར་ཡི་རངས་ངང་རྩིས་བཞེས་ཞུས། དེ་རྗེས་མཁན་རིན་པོ་ཆེ་ཐུབ་བསྟན་རབ་གསལ་མཆོག་ཕྱི་ཟླ ༩ པའི་མཇུག་ཙམ་ལ་ཆེད་ཕེབས་ཀྱིས་མཁན་རིན་པོ་ཆེ་སངས་རྒྱས་མགོན་པོ་དང་མཉམ་དུ་ས་སྐྱ་མཐོ་སློབ་ཀྱི་སྐུ་ཚབ་བྱས་ཏེ། ཆོས་ཚོགས་ཀྱི་སྦྱིན་བདག་དང་ཚོགས་མི་རྣམ་པར་ཐུག་འཕྲད་དང་གྲོས་བསྡུར་རིམ་པར་བརྒྱུད་ཆོས་ཚོགས་མིང་སྒྱུར་དང་གནས་སྤོ་འཆར་འགོད་སོགས་ལེགས་པར་གནང་བར། མཁན་རིན་པོ་ཆེ་རྣམ་གཉིས་དང་ལྷག་པར་ཚོགས་ཆོས་ཀྱི་ལས་བྱེད་གཙོ་བོ་རྣམ་པས་དབུས་ཚོགས་མི་ཚང་མར་བཀའ་དྲིན་ཞུ་རྒྱུ་དང་། དེ་བཞིན་མ་བསྒྲིགས་ལྷུན་གྲུབ་ཀྱིས་༧ སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག་གི་ཞལ་སྔ་ནས་ཐུགས་སྨོན་དང་འབྲེལ་ཆོས་ཚོགས་ཀྱི་མཚན་བྱང་ལ་མཚན་རྟགས་ཀྱིས་བྱིན་གྱིས་བརླབས་པའི་བྱིན་རླབས་དང་རྟེན་འབྲེལ་ལ་བརྟེན་ནས། བསྟན་པའི་སྦྱིན་བདག་རྣམ་པའི་རེ་བ་བཞིན་མ་འོངས་པར་བསྟན་པའི་གནས་གཞི་གལ་ཆེན་ཞིག་ཏུ་འཛིན་སྐྱོང་ཡོང་བའི་སྨོན་འདུན་དང་། མ་ལེ་ཤའི་རྒྱལ་སར་བཞུགས་པའི་མཐོ་སློབ་ཀྱི་སྦྱིན་བདག་དང་སློབ་མ་སོགས་འབྲེལ་ཡོད་ཚང་མས་དེ་བཞིན་མཁྱེན་པའི་ཐོག་འབྲེལ་གཏུགས་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུ་ཞེས། ས་སྐྱ་མཐོ་སློབ་ཀྱི་ལས་ཁུངས་ནས་སྤྱི་ལོ་༢༠༢༤ ཟླ་ ༡༡ ཚེས་ ༢༤ ལ་ཕུལ།
|